ྋགསང་སྔགས་མ་རྒྱུད་ཀྱི་བཀའ་དབང་གསལ་བསྒྲགས། <གདན་ས་སྨན་རིའི་གླིང་> ྋདཔལ་རྒྱལ་བ་སྨན་རིའི་བསླབ་གསུམ་འདུས་པ་རྒྱ་མཚོ་རྣམས་ཀྱི་དབུས་ལྷ་སྡེ་མི་སྡེ་ཡོངས་ཀྱི་སྙན་ལམ་ དུ་ཞུ་གསོལ། ད་ལམ་ྋགཡུང་དྲུང་བོན་གྱི་ཕྱི་ནང་གསང་གསུམ་གྱི་བརྒྱུད་པའི་མངའ་བདགྋརྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཚབ། རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ྋདཔལ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་དང་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། དེ་བཞིན་ཕྱི་གླིང་གི་སློབ་ཚོགས་འགའ་ཞིག་ནས་ྋགསང་སྔགས་མ་རྒྱུད་ཀྱི་བཀའ་དབང་ཟབ་མོ་བརྩལ་རྒྱུའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ྋསྐྱབས་མཆོག་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༢༥ སྤྱི་ཟླ་༡༠ ཚེས་༠༥ ནས་ ༠༨བར་ཏེ་ཉིན་བཞིའི་རིང་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་རྒྱུའི་ཞལ་བཞེས་ཕེབས་ པ་ལགས་ན། དེ་དོན་བཞིན་དད་པ་དང་དམ་ཚིག་འགྱུར་མེད་ཀྱི་བཀའ་དབང་ཟབ་མོ་ཞུ་བློ་ཡོད་རིགས་ རྣམས་ནས་འདི་དོན་གལ་ཆེན་དོན་ཆེན་དུ་བརྩི་ནས་ངེས་ཕེབས་ཡོང་བར་ཐུགས་འཇགས་འཚལ། ༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།

Continue Reading